འ
རང་ཉིད་ཀྱི་རྩོམ་ཞིག་སྐུར། | Tibetan letter poem |
འགྲོ་བའི་མཁོ་བ་རང་གིས་ནུས་པའི་ཚེ། །
ཁ་བཤད་གཉིས་མེད་ལག་ཏུ་ལེན་ནུས་ཤོག །
སེམས་ཅན་ཉམས་ཐག་སུ་འདྲ་ཡིན་ན་ཡང་། །
སེམས་བསྐྱེད་རྩིས་ཟིན་ཕན་པ་སྒྲུབ་ཐོབ་ཤོག །
སེམས་ཅན་ནད་དང་སྡུག་བསྔལ་མནར་བའི་ཚེ། །
མཐོང་ཐོས་ཡོད་པའི་ཚུལ་གྱིས་བྱམས་བརྩེ་དགོས། །
སེམས་ཅན་མོས་པ་མགོན་གྱིས་དཔོག་ནུས་ཤོག །
རང་གཞན་བདེ་སྐྱིད་ལམ་བཟང་བསྟོན་ནུས་ཤོག །
གཞན་དོན་སྒྲུབ་པ་རང་དོན་མཆོག་ཡིན་པ། །
རྒྱལ་བའི་གཞུང་ནས་ཡང་ཡང་གསུངས་པ་དང་། །
སེམས་ཅན་རིགས་ལ་རང་གཞན་མེད་པས་ན། །
ཀུན་ལ་སྙོམས་པའི་ཕྱག་ལེན་འཐེབས་པར་ཤོག །
ཟླ་བ་གཉིས་པའི་ཚེས་པ་ཉེར་བཞིའི་ཉིན། །
གུས་པའི་བློ་ལ་རྣམ་རྟོགས་གང་ཤར་དེ། །
ཡིག་ནག་གཟུགས་སུ་རང་ཉིད་བཀོད་པ་དེ། །
ཆུད་ཟོད་མེད་པར་ཐོག་ཏུ་སྨིན་པར་ཤོག །
--------------------------------------------------
རྗེ་ཀརྨ་པ་ལ་གསོལ་བ་འདེབས།།
རྗེ་ཁྱེད་ཀྱི་བཀའ་དྲིན་བརྗེ་ཐབས་མེད།།
རྗེ་ཁྱེད་ཀྱི་བཀའ་སློབ་སེམས་ལ་ཡོད།།
རྗེ་ཁྱེད་ལ་བཟོད་གསོལལ་སྙིང་ནས་ཕུལ།།
རྗེ་ཀརྨ་པ་ལ་ལ་གསོལ་བ་འདེབས།།
རྗེ་བསམ་བཞིན་བྱོན་པའི་བྱོན་པ་ལེགས།།
རྗེས་ཉམས་ཐག་སེམས་ཅན་སྡུག་ཁ་ལ།།
རྗེ་སྙིང་རྗེ་དབང་གིས་བྱོན་པ་ལེགས།།
དུས་སྙིགས་མའི་ཉོན་མོངས་བཀྲག་ཆེ་ལ།།
རྗེ་གཟི་བརྗིད་སྙིང་སྟོབས་ལྷམ་མེར་བྱོན།།
རྗེ་མཚན་ཙམ་ཐོས་པས་རང་རྒྱུད་མདངས།།
རྗེ་ཞལ་ཙམ་མཇལ་དུས་རྣམ་རྟོག་བརླག།
རྗེ་འགྲོ་བའི་དོན་དུ་བྱོན་པ་ལེགས།།
བདག་བུ་སློབ་འཁོར་འབངས་ཉམས་ཐག་རྣམས།།
དགོན་སྐྱབས་གནས་རེ་ལྟོས་བརླག་པའི་ཚེ།།
རྗེས་ཞལ་བཟང་གསུངས་དབྱངས་བཀའ་སློབ་ཕེབས།།
བྱམས་སྙིང་རྗེ་ཉེ་རིང་བྲལ་མེད་སྐྱོང་།།
རྗེ་ཁྱེད་ཀྱི་ཐུགས་རྗེ་བསླད་མེད་དང་།།
བདག་ཚེ་རབས་ཀུན་ཏུ་བྲལ་མེད་ཤོག།
རྗེ་ཁྱེད་ཀྱི་སྐུ་ཚེ་རི་བོ་བརྟན།།
རྗེ་འགྲོ་བའི་དོན་དུ་བསྐལ་པར་བཞུགས།།
རྗེ་ཁྱེད་ཀྱི་མཛད་པ་འོད་སྣང་འབར།།
ཕྱོགས་ཀུན་ཏུ་རྒྱས་པའི་སྨོན་འདུན་ཡོད།།
སྨོན་འདུན་སྨོན་ལམ་འཐེབས་པར་ཤོག། །།
སརྦ་མངྒ་ལམ།།
རང་ཉིད་ཀྱི་རྩོམ་ཞིག་སྐུར།
0 comments:
Post a Comment