Spiritual Knowledge

Everything is not come true what we want |




བསམ་ཡ་ཏཱ་མི་ཚང་མ་ལོ། མི་ཚེའི་ནང་ལ་འཛམ་གླིང་གི་རྒྱལ་པོ་དང་ནོར་ལྷའི་བུ་བྱེད་དགོས་བསམ་ཡོད། མ་ཟད་མི་ཚེ་དཔེ་ཡག་པོ་རང་གཞན་གཉིས་ཀར་ལ་ཕན་ཐོག་པའི་བྱ་བ་བཟང་པོ་ཞིག་བྱེད་དགོས་བསམ་ཀྱིན་ཡོད། འོན་ཀྱང་མི་ཚེ་ཟེར་ཡ་དེ་རང་གི་བསམ་པ་ལྟར་དུ་མི་ཡོང་བ་དང་། སྐབས་རེ་ལ་རང་གི་སྔོན་སོང་གི་ལས་རླུང་ངན་པའི་ཤུགས་རྐྱེན་གྱིས་རངལ་དབང་མེད་དང་་ཧ་མ་གོ་བཞིན་དུ་ས་ཕྱོགས་ག་བ་ག་ས་ལ་འདེད་ནས་འཁྱེར་འགྲོ་གི་ཡོད་པ་སུ་ཡང་ཤེས་རྟོགས་བྱེད་ཀྱི་མེད། འཁྱེར་བའི་ཚེ། བསམ་པ་ཚབ་ཚོབ་དང་སེམས་སྡུག་བྱེད་སྡད་པ་ནི།རང་གིས་དུག་བཟས་ནས། ད་ང་ཤི་འགྲོ་གི་རེད་བསམ་ནས་སེམས་སྡུག་བྱས་པ་ནང་བཞིན་ཡིན།གང་ཡིན་ཟེར་ན། འཁོར་བར་འདིར་སྐྱེ་བ་ལེན་ཙམ་པ་ནས་བཟུང་འཁོར་བའི་སྡུག་བསྔལ་མྱོང་དགོས་པའི་འབྲས་རྟགས་ཡང་རྟགས་ཡིན། འཁོར་བར་སྐྱེ་བ་ལེན་ཚར་ནས། སྡུག་བསྔལ་དང་སེམས་མ་སྐྱིད་པ་ཅི་བྱེད་འོང་བསམ་པ་ནི་ལྐུག་པའི་ལྐུག་རྟགས་ཡིན། བྱས་ཙང་། སྡུག་བསྔལ་ཡོང་སྐབས། ཨ་ཧ་ད་དེ་འཁོར་བའི་རང་བཞིན་རེད། འཁོར་བའི་རང་བཞིན་སྡུག་བསྔལ་རེད།ཡོང་དགོས་རེད། ཡག་པོ་ཆག་སོང་། རྗེས་མ་ཡང་སྐྱར་མྱོང་དགོས་མ་རེད་བསམ་ན། སེམས་སྡུག་ཆུང་བ་དང་སྡུག་བསྔལ་མི་མྱོང་ཧ་ཅང་ཡག་པོ་ཡོད།། །། 

SHARE

Milan Tomic

Hi. I’m Designer of Blog Magic. I’m CEO/Founder of ThemeXpose. I’m Creative Art Director, Web Designer, UI/UX Designer, Interaction Designer, Industrial Designer, Web Developer, Business Enthusiast, StartUp Enthusiast, Speaker, Writer and Photographer. Inspired to make things looks better.

  • Image
  • Image
  • Image
  • Image
  • Image
    Blogger Comment
    Facebook Comment

0 comments: