མི་ཚེ་ནང་ལ་བཟང་ངན་མཐོ་དམའ་ཡོང་།
མཚམས་རེ་དགའ་ལ་མཚམས་རེ་སྐྱོ་བ་ཡོང་།
མཚམས་རེ་བདེ་ལ་མཚམས་རེ་སྡུག་པ་ཡོང་།
བདེ་སྡུག་དགའ་སྐྱོའི་རང་བཞིན་འཁོར་བ་ལ།
ཤེས་ནས་གོ་མསྙོམ་ཐུབ་ན་དགའ་བ་ལ།
རང་གིས་ཡིད་ཆེས་ས་དང་བརྩེ་བའི་མི།
དགའ་རྣམ་སྟོན་ཞིང་ཕན་ཚུན་གཏམ་བཤད་དང་།
བརྩེ་གདུང་ཡར་རྒྱས་མི་ཚེ་འགྲོ་སྟངས་སྐོར།
བསམ་ཤུགས་སྤར་ཞིང་གཅིག་ལ་གཅིག་ཕན་གྱི།
དེ་འདྲའི་དགའ་གྲོགས་འབྱུང་ན་དགའ་བ་ལ།
བྱས་ན་བམས་བཞིན་མ་བྱེད་དེ་ཀ་ཚར།
བྱ་བ་མ་སྒྲུབ་འབྲས་བུར་རེ་བས་ཚར།
དེ་རིང་བྱེད་དང་སང་ཉིན་འོང་ཚར།
མི་ཚེ་ཕྱེད་ལྷག་ཡག་པོར་རེ་ནས་ཚར།
རང་གཞན་ཕན་སྒྲུབ་ཚར་ན་དགའ་བ་ལ།
0 comments:
Post a Comment