Spiritual Knowledge

ཚེ་ནི་མི་རྟག་པ་རླུང་ནང་མར་མེ་འདྲ། | impermanent life like better lamp in the wind | Tibetan letter article |

karma2030.blogspot.com

ཚེ་ནི་མི་རྟག་པ་རླུང་གི་ནང་མར་མེ་འདྲ། |  impermanent life like better lamp in the wind |

ཚེ་འདི་མི་རྟག་རླུང་ནང་མར་མེ་འདྲ།། 

སྐར་ཆ་བཞིན་དུ་འཆི་ལ་ཉེ་བར་འགྲོ། 

ད་ལྟ་བདེ་ཀྱང་ཡུད་ལ་མེད་པར་འགྱུར།།

དགའ་སྐྱིད་འཛོམས་ཡང་ནམ་ཞིག་ཟད་དུས་ཡོང་།། 


ད་ལྟ་ཡིད་མཐུན་ཡི་ཆེས་ཞག་འདས་འཁོན།།

དེ་རིང་ཡོད་ཀྱང་སང་ཉིན་ཞག་རྗེས་བརླག

ཇི་ཙམ་ཕྱུག་ཀྱང་ནམ་ཞིག་འཁྱེར་དབང་མེད།། 

རང་དབང་འབད་ཀྱང་གཞན་དབང་ལས་ཀྱིས་ཤོར། 


བསམ་པ་བཞིན་དུ་ཐོབ་འོང་སུ་ལའང་མེད།། 

མི་རྟག་ཆོས་ཅན་རྟེན་འབྲེལ་བསླུ་མེད་འདི།། 

བཟང་སྡུག་གང་བྱེད་དེ་ལ་རྣམ་སྨིན་ཡོད།། 

རྟེན་འབྲེལ་རྒྱལ་པོར་སུ་ཡིས་བསླུ་མི་ཐུབ།། 


ཡིད་བརྟན་མི་བྱེད་ཕྱི་མའི་བདེ་ལ་བརྩོན།། 

ཆུ་རྭ་ལེགས་པོ་རང་གི་སེམས་ལ་རྒྱགས།།

རང་སྐྱིད་ཚེ་ན་གཞན་ལ་སྙིང་ཚིམ་དང་།། 

ཐུབ་ཚོད་གཞན་སེམས་དཀྲུག་པའི་ལས་འདི་སྤོང་།། 


ནམ་ཞིག་རྒྱུ་རྐྱེན་གྲངས་ནི་ཚང་བ་ན།། 

མི་དྲན་དགུ་དྲན་འཛམ་གླིང་དགྲ་རུ་ལང་།། 

རྐྱེན་ངན་བར་ཆད་ཆར་པ་བཞིན་དུ་བབས།། 

རྣམ་སྨིན་སྡུག་པོ་ལུས་གྲིབ་བཞིན་དུ་འོང་།།


གཞན་གནོད་འབྲས་བུ་མི་བདེ་འབའ་ཞིག་ཡོད།།

གཞན་ཕན་ཁོ་ན་རང་ལ་བདེ་བྱིན་པས།། 

ད་ནས་ཕན་སེམས་མ་གཏོགས་གནོད་སེམས་སྤོང་།། 

--------------------------------------------------

སེམས་ཅན་གཤིས་རྒྱུད་བཟང་ན་ཡང་།། 

རྐྱེན་དང་ཉོན་མོངས་བསླུ་བར་བྱེད།། 

རྟག་ཏུ་བདེ་ཐོབ་བརྩོན་ན་ཡང་།། 

ཡོད་དགུའི་སྡུག་པོ་ཐོག་ཏུ་བབས།། 


ལས་འབྲས་བསླུ་མེད་ཡིན་གོ་བྱུང་།། 

སེམས་ཅན་ནད་མནར་སྡུག་ན་ཡང་།། 

ཚོར་སྣང་སྙིང་རྗེ་སློབ་གསོ་མེད།།

གཞན་དོན་ལྷག་བསམ་ཚིག་ལ་བསྡུས།། 


དམ་ཆོས་སྙིང་པོ་དེ་དང་འགལ།། 

ལས་ངན་ཡོད་དགུ་བྱེད་པ་དང་།། 

བྱ་བ་བཟང་དགུ་སྒྲུབ་པ་གཉིས།།

སྐབས་རེ་འབྲས་བུ་གོ་བཟློག་འདྲ།། 


ལས་འབྲས་བསླུ་མེད་མིན་འགྲོ་བསམ།།

དེ་ཡང་སྔོན་ལས་བསླུ་མེད་ཡིན།། 

སྤྱི་མིང་ཀུན་བསྡུས་གཅིག་ཏུ་དཔུང་།།

ཕལ་ཆེར་འདི་ལས་ཕྱི་མེད་འདྲ།། 


རང་ལས་གཞན་བདེ་མི་དགོས་འདྲ།།

དེ་ཡང་བསླུ་མེད་བུ་ལོན་ཡིན།། །།

-------------------------------------------------------

གཞན་བཤད་རྗེས་འབྲང་རིག་པ་བླུན་པའི་རྟགས།

ཉམས་ཆུང་གཤེ་གཤེ་གཡོ་སྒྱུ་བརྙས་བཅོས་མང་། 

གཞན་སེམས་དཀྲུགས་ཤིང་རང་ས་བདེ་སྐྱིད་བཀོད། 

གནོད་ལན་མེད་ན་ལས་དང་རྒྱུ་འབྲས་ཅི། 


དབྱུགས་པ་མ་ཆག་དུག་སྦྲུལ་བསད་དཔེ་དེ། 

འཛུམ་དང་སྦྲང་རྩི་ཚིག་གིས་གཞན་སེམས་དཀྲུག

ནམ་ཞིག་ཚེར་མའི་དར་གཡོག་བསལ་བའི་ཚེ། 

གསལ་ལེ་ཁ་འགྱུར་རང་ཐོག་སྨིན་པར་ཡོང་། 


འཇིག་རྟེན་རྨོངས་ཤིང་རང་ཁེ་སྒྲུབ་དུས་འདིར། 

བཟང་པོ་ཉམས་ཆུང་ཞེས་པ་མིང་ཙམ་ཡང་། 

བརྙས་ཞིང་དམན་པར་ལྟ་ནས་སྤྱོད་པར་བྱེད། 

སྔོན་བྱོན་མཁས་སྒྲུབ་དཀའ་སྤྱད་དངུལ་དང་བརྗེ། 


གཞན་སེམས་མི་བདེ་གནོད་སེམས་བྱེད་པ་སོགས། 

བྱང་ཆུབ་སེམས་ཀྱི་མཚན་ཉིད་དང་ཡང་འགལ།

གནབ་སེམས་ཡོད་པ་མི་དགེ་བཅུ་རུ་འདུ། 

དཀོན་མཆོག་མིང་སྤྱོད་མཚམས་མེད་ལས་སུ་འདུ། 



མི་ཚེའི་ལམ་དུ་སྐྱིད་སྡུག་གཉིས་ཀར་ཡོད།

སྐབས་རེ་སྐྱིད་ལ་སྐབས་རེ་འཚེར་སྣང་ཡོད། 

རེ་སྐབས་འཇིགས་ལ་་རེ་སྐབས་སྤྲོ་སྣང་ཡོད། 

དེ་སྐབས་རང་ཚུགས་མ་ཤོར་རང་དབང་ཡོད། 


གཞན་ལ་ཕན་ཐོག་མ་ཐུབ་ཀྱང་།། 

གནོད་པ་མི་བྱེད་སྨོན་འདུན་བྱ།།

ལས་འབྲས་བསླུ་མེད་སྨིན་དུས་ཡོད།། 

བསམ་ཤེས་བྱེད་ན་བདེ་བར་ཡོང་།།

................,,,.................................................


 ཚེ་ནི་མི་རྟག་པ་རླུང་གི་ནང་མར་མེ་འདྲ། |  impermanent life like better lamp in the wind |

SHARE

Milan Tomic

Hi. I’m Designer of Blog Magic. I’m CEO/Founder of ThemeXpose. I’m Creative Art Director, Web Designer, UI/UX Designer, Interaction Designer, Industrial Designer, Web Developer, Business Enthusiast, StartUp Enthusiast, Speaker, Writer and Photographer. Inspired to make things looks better.

  • Image
  • Image
  • Image
  • Image
  • Image
    Blogger Comment
    Facebook Comment

0 comments: